ང་ཡི་ཕ་ཡུལ། 故乡果洛 ཚིག། བཙན་བུ། 作词:赞布 དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 作曲:曲迈才让 བསྐྱར་ལེན་། ཨོ་རྒྱན་ཆོས་འཕེལ། 演唱:俄金曲培 ཕ་ཡུལ་མགོ་ལོག ལེན་མཁན། ཤེར་བསྟན། 说唱:谢旦 原创:谢旦 གངས་དེ་རྨ་རྒྱལ་སྦོམ་ར། རྩེ་མོ་ལྷ་ལ་ཐུག་ཡོད། རྩ་བ་ཀླུ་ལ་ཟུག་ཡོད། སུ་ཡི་བདེ་སྡུག་གླེང་བའི་སེམས་ཀྱི་མཆོད་རྟེན་ཡིན་སོང་། སྲིད་པའི་གངས་རི། དྲན་ན་སེམས་པ་དྲོ་བའི་གངས་རི། མཇལ་ན་མིག་ཆུ་ལྷུང་བའི་བླ་རི། རི་བོའི་མཐའ་ལ་བཙན་པོའི་ལྕགས་རི་བསྐོར་ཡོད། རི་བོའི་མགུ་ལ་མེས་པོའི་དཔའ་མཁར་བརྩིགས་ཡོད། ས་ལ་དགེ་བཅུ་འཛོམས་པ་ཨ་མྱེས་རྨ་ཆེན། ང་ཡི་ཕ་ཡུལ། ~ ཆུ་དེ་རྨ་ཆུ་སྔོན་མོ། སྟེང་ཕྱོགས་ལྷ་ནས་བབས་ཡོང་། འོག་ཕྱོགས་ཀླུ་ནས་དྲངས་ཡོད། སུ་ཡི་སྨོན་འདུན་འཁུར་བའི་སེམས་ཀྱི་རོལ་དབྱངས་ཡིན་སོང་། གཙང་ཆབ་སྔོན་མོ། འགྲོ་དྲུག་སེམས་ཀྱིས་འཚོ་བའི་གངས་ཆུ། བདེ་སྡུག་དབྱངས་སུ་གྱེར་བའི་མིག་ཆུ། ཆུ་མོའི་གཞུང་ལ་མེས་པོའི་རུས་རྐང་འཐིམ་ཡོད། ཆུ་མོའི་རྒྱུན་ལ་སྒང་བའི་རྣམ་ཤེས་དྲངས་ཡོད། ཆུ་ལ་ཡན་ལག་བརྒྱད་ལྡན་རྨ་ཆུ་ལི་མ། ང་ཡི་ཕ་ཡུལ། ~ མི་དེ་གེ་སར་རྒྱལ་བོ། སྨུག་པོ་ལྡོང་གི་རྒྱུད་ཡིན། ཨོ་རྒྱན་པད་མའི་སྲས་ཡིན། སུ་ཡི་ང་རོ་འཇོམས་པའི་སེམས་ཀྱི་མགོན་སྐྱབས་ཡིན་སོང་། སེང་ཆེན་ནོར་བུ། དགའ་སྐྱོ་གླུ་རུ་ལེན་པའི་གེ་སར། སེམས་ཅན་མཐའ་ནས་སྐྱོང་བའི་དཔའ་བོ། མཐིང་སྨུག་སྦྲ་རུ་བོད་པའི་རིགས་རུས་བསྐྱེད་ཡོད། སེང་འབྲུག་མཁར་ན་བོད་པའི་ཁྲག་རྒྱུན་སྲུང་ཡོད། ཡུལ་ལ་སྣོད་བཅུད་འཛོམས་པ་གླིང་དཀར་སྟོད་པ། ང་ཡི་ཕ་ཡུལ། 故乡果洛 ཚིག། བཙན་བུ། 作词:赞布 དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 作曲:曲迈才让 བསྐྱར་ལེན་། ཨོ་རྒྱན་ཆོས་འཕེལ། 演唱:俄金曲培 ཕ་ཡུལ་མགོ་ལོག ལེན་མཁན། ཤེར་བསྟན། 说唱:谢旦 原创:谢旦 གངས་དེ་རྨ་རྒྱལ་སྦོམ་ར། རྩེ་མོ་ལྷ་ལ་ཐུག་ཡོད། རྩ་བ་ཀླུ་ལ་ཟུག་ཡོད། སུ་ཡི་བདེ་སྡུག་གླེང་བའི་སེམས་ཀྱི་མཆོད་རྟེན་ཡིན་སོང་། སྲིད་པའི་གངས་རི། དྲན་ན་སེམས་པ་དྲོ་བའི་གངས་རི། མཇལ་ན་མིག་ཆུ་ལྷུང་བའི་བླ་རི། རི་བོའི་མཐའ་ལ་བཙན་པོའི་ལྕགས་རི་བསྐོར་ཡོད། རི་བོའི་མགུ་ལ་མེས་པོའི་དཔའ་མཁར་བརྩིགས་ཡོད། ས་ལ་དགེ་བཅུ་འཛོམས་པ་ཨ་མྱེས་རྨ་ཆེན། ང་ཡི་ཕ་ཡུལ། ~ ཆུ་དེ་རྨ་ཆུ་སྔོན་མོ། སྟེང་ཕྱོགས་ལྷ་ནས་བབས་ཡོང་། འོག་ཕྱོགས་ཀླུ་ནས་དྲངས་ཡོད། སུ་ཡི་སྨོན་འདུན་འཁུར་བའི་སེམས་ཀྱི་རོལ་དབྱངས་ཡིན་སོང་། གཙང་ཆབ་སྔོན་མོ། འགྲོ་དྲུག་སེམས་ཀྱིས་འཚོ་བའི་གངས་ཆུ། བདེ་སྡུག་དབྱངས་སུ་གྱེར་བའི་མིག་ཆུ། ཆུ་མོའི་གཞུང་ལ་མེས་པོའི་རུས་རྐང་འཐིམ་ཡོད། ཆུ་མོའི་རྒྱུན་ལ་སྒང་བའི་རྣམ་ཤེས་དྲངས་ཡོད། ཆུ་ལ་ཡན་ལག་བརྒྱད་ལྡན་རྨ་ཆུ་ལི་མ། ང་ཡི་ཕ་ཡུལ། ~ མི་དེ་གེ་སར་རྒྱལ་བོ། སྨུག་པོ་ལྡོང་གི་རྒྱུད་ཡིན། ཨོ་རྒྱན་པད་མའི་སྲས་ཡིན། སུ་ཡི་ང་རོ་འཇོམས་པའི་སེམས་ཀྱི་མགོན་སྐྱབས་ཡིན་སོང་། སེང་ཆེན་ནོར་བུ། དགའ་སྐྱོ་གླུ་རུ་ལེན་པའི་གེ་སར། སེམས་ཅན་མཐའ་ནས་སྐྱོང་བའི་དཔའ་བོ། མཐིང་སྨུག་སྦྲ་རུ་བོད་པའི་རིགས་རུས་བསྐྱེད་ཡོད། སེང་འབྲུག་མཁར་ན་བོད་པའི་ཁྲག་རྒྱུན་སྲུང་ཡོད། ཡུལ་ལ་སྣོད་བཅུད་འཛོམས་པ་གླིང་དཀར་སྟོད་པ།