(COVER版)-文本歌词

(COVER版)-文本歌词

dong、啵~
发行日期:

ཚིག འབྲུག་ལྷ་རྒྱལ།

དབྱངས།འཇམ་དབྱངས་བསྟན་འཛིན།

ལེན་མཁན།བསོད་ནམས་ཆོས་སྒྲོན

གླུ་འཇོག་མཁན་སྙན་བཟང་རིན་ཆེན།

གངས་དཀར་ཏི་སེ་དབུས་གཙང་ཡུལ་དུ་བརྗིད།

རྨ་རྒྱལ་སྦོམ་ར་མདོ་སྨད་ཡུལ་དུ་བརྟན།

འགྱུར་མེད་དཔལ་གྱི་རྔམས་ཟིལ་ཆེ་བ་འདི།

གངས་ཅན་བོད་མིའི་བློ་སྤོབས་མཐོ་བའི་རྟགས།

འགྱུར་མེད་དཔལ་གྱི་རྔམས་ཟིལ་ཆེ་བ་འདི། །

གངས་ཅན་བོད་མིའི་བློ་སྤོབས་མཐོ་བའི་རྟགས།

མ་ཕམ་གཡུ་མཚོ་དབུས་གཙང་ཡུལ་དུ་འཁྱིལ། །

ཁྲི་ཤོར་རྒྱལ་མོ་མདོ་སྨད་ཡུལ་དུ་བལྟམས།

དྭངས་གཙང་ཤེལ་གྱི་ཁ་མདོག་གསལ་བ་འདི།

གངས་ཅན་བོད་མིའི་ཡིད་སེམས་དྲང་བའི་རྟགས།

དྭངས་གཙང་ཤེལ་གྱི་ཁ་མདོག་གསལ་བ་འདི། །

གངས་ཅན་བོད་མིའི་ཡིད་སེམས་དྲང་བའི་རྟགས།

ཡར་ཀླུང་གཙང་བོ་དབུས་གཙང་ཡུལ་དུ་བཞུར། །

རྨ་ཀླུང་སྒེག་མོ་མདོ་སྨད་ཡུལ་དུ་རྒྱུ།

ཆུ་རྒྱུན་ཆེན་མོ་རྒྱ་མཚོར་འབབ་པ་འདི།

གངས་ཅན་བོད་མིའི་ཕུགས་འདུན་རིང་བའི་རྟགས།

ཆུ་རྒྱུན་ཆེན་མོ་རྒྱ་མཚོར་འབབ་པ་འདི། །

གངས་ཅན་བོད་མིའི་ཕུགས་འདུན་རིང་བའི་རྟགས།

གངས་ཅན་བོད་མིའི་ཕུགས་འདུན་རིང་བའི་རྟགས།