情深眼眸-文本歌词

情深眼眸-文本歌词

发行日期:

དུང་བརྗོད་ཀྱི་ཟུར་མིག

情深眼眸

ཚིག-བྱ་དཀར་བུ་ཆེན།

作词:布庆

དབྱངས་-རྡོ་རྗེ་ཚུལ་ཁྲིམས།

作曲:多吉次成

ལེན་མཁན་-རྡོ་རྗེ་ཚུལ་ཁྲིམས།

歌手:多吉次成

མཛེས་ཡིད་འོང་དགའ་མ་འཛུམ་ཆུང་མ།།

ཁྱེད་ཟུར་མིག་མདའ་མོ་འཕངས་པ་ན།།

ངའི་ཡ་ཁོག་དྲན་པའི་སྦུབས་སུ་ནས།།

དུང་བརྩེ་བའི་གླུ་ཞིག་དབང་མེད་ཤོར།།

ཨ་ལ་མོ་ཚུར་ལ་ཡོད་ན།།

ངས་ཐ་ལ་ཕར་ལ་ལེན་ཆོག།

གནས་དགའ་བའི་ཡུལ་གྲོང་འདི་ནས།།

འདང་བརྩེ་བའི་ཞབས་བྲོ་འཁྲབ་འདོད།།

~

གཟུགས་ལང་ཚོ་འདམ་སྐྱེས་པདྨ་བཞིན།།

གཡུ་སྦྲང་འབུའི་ངང་གི་ཕྱོགས་ནས་འདུ།།

ཁྱེད་པདྨ་འཛུམ་གྱི་བཞད་པ་ན།།

ངས་སྦྲང་རྩིའི་བཅུད་ཀྱི་གྲུ་ཆར་འཇོ།།

ཚུར་བརྩེ་བ་འོ་དཀར་ཡིན་ན།།

ཕར་དུང་བའི་དྭངས་བསིལ་རྫ་ཆབ།།

འདང་འོ་ཆུ་འདྲེས་པ་བྱུང་ན།།

བྲལ་མི་ནུས་འོ་དཀར་མཚོ་མོ།།

~

ངའི་སེམས་སོང་མེ་ཏོག་སེར་ཆེན་ཁྱེད།།

སད་སེར་བས་བར་ཆད་མ་བྱུང་ན།།

ང་གསེར་སྦྲང་དུང་བ་གཞོན་ནུ་ཡིས།།

བློ་བརྩེ་བ་སྟེར་ས་ཁྱོད་བྱེད་ཆོག།

ཁྱོད་མ་འགྱུར་རི་ཆེན་རི་འདྲ།།

ང་མི་འགྱུར་སྲ་བའི་བྲག་དཀར།།

གྲོགས་ངེད་གཉིས་དུང་བའི་ཕྱི་ཐག།

ཆབ་གཙང་པོ་ལས་ཀྱང་རིང་བ།།

དུང་བརྗོད་ཀྱི་ཟུར་མིག

情深眼眸

ཚིག-བྱ་དཀར་བུ་ཆེན།

作词:布庆

དབྱངས་-རྡོ་རྗེ་ཚུལ་ཁྲིམས།

作曲:多吉次成

ལེན་མཁན་-རྡོ་རྗེ་ཚུལ་ཁྲིམས།

歌手:多吉次成

མཛེས་ཡིད་འོང་དགའ་མ་འཛུམ་ཆུང་མ།།

ཁྱེད་ཟུར་མིག་མདའ་མོ་འཕངས་པ་ན།།

ངའི་ཡ་ཁོག་དྲན་པའི་སྦུབས་སུ་ནས།།

དུང་བརྩེ་བའི་གླུ་ཞིག་དབང་མེད་ཤོར།།

ཨ་ལ་མོ་ཚུར་ལ་ཡོད་ན།།

ངས་ཐ་ལ་ཕར་ལ་ལེན་ཆོག།

གནས་དགའ་བའི་ཡུལ་གྲོང་འདི་ནས།།

འདང་བརྩེ་བའི་ཞབས་བྲོ་འཁྲབ་འདོད།།

~

གཟུགས་ལང་ཚོ་འདམ་སྐྱེས་པདྨ་བཞིན།།

གཡུ་སྦྲང་འབུའི་ངང་གི་ཕྱོགས་ནས་འདུ།།

ཁྱེད་པདྨ་འཛུམ་གྱི་བཞད་པ་ན།།

ངས་སྦྲང་རྩིའི་བཅུད་ཀྱི་གྲུ་ཆར་འཇོ།།

ཚུར་བརྩེ་བ་འོ་དཀར་ཡིན་ན།།

ཕར་དུང་བའི་དྭངས་བསིལ་རྫ་ཆབ།།

འདང་འོ་ཆུ་འདྲེས་པ་བྱུང་ན།།

བྲལ་མི་ནུས་འོ་དཀར་མཚོ་མོ།།

~

ངའི་སེམས་སོང་མེ་ཏོག་སེར་ཆེན་ཁྱེད།།

སད་སེར་བས་བར་ཆད་མ་བྱུང་ན།།

ང་གསེར་སྦྲང་དུང་བ་གཞོན་ནུ་ཡིས།།

བློ་བརྩེ་བ་སྟེར་ས་ཁྱོད་བྱེད་ཆོག།

ཁྱོད་མ་འགྱུར་རི་ཆེན་རི་འདྲ།།

ང་མི་འགྱུར་སྲ་བའི་བྲག་དཀར།།

གྲོགས་ངེད་གཉིས་དུང་བའི་ཕྱི་ཐག།

ཆབ་གཙང་པོ་ལས་ཀྱང་རིང་བ།།