འཁོར་བའི་དགའ་སྐྱོ་ཐང་ནས།།

轮回之乐与苦的旷野中

ཤེས་རིག་མེ་ཏོག་འཐུ་མཁན།།

采集智慧之花的人啊

ངག་རིགས་དབྱངས་ཀྱིས་མྱོས་པའི།།

用语言的旋律感受

མགྲིན་རྩལ་བདེ་བའི་གྲོགས་ཀྱིས།།

那带来幸福的朋友

མི་ཚེའི་སྐྱོ་ངལ་རིང་མོ།།

请在这漫长的生命旅途中

སྣང་བའི་དབྱངས་སུ་གྱེར་རོགས།།

用歌声驱散阴霾

ལྷད་མེད་དམ་ཚིག་རི་མོ།།

纯洁无瑕的誓言之山

བདག་གིས་སེམས་ན་གསལ་ཡོད།།

在我心中清晰可见

སྙན་དབང་གསོ་བའི་བདུད་རྩི།།

甘露滋养着名誉之树

བཅོས་མིན་དབྱངས་ཀྱི་འགྱུར་ཁུག །

无与伦比的旋律

ངག་གིས་དཔལ་ཡོན་རྫོགས་པའི།།

用语言的力量

བྱམས་བརྩེ་ཅན་གྱིས་གྲོགས་དང་།།

让慈悲之人与朋友

མི་ཚེའི་འབྱུང་འགྱུར་ལམ་བུ།།

在人生之路的旅途中

སྐྱིད་སྡུག་མཉམ་མྱོང་བྱེད་འགྲོ།

共同经历悲欢

མི་འགྱུར་གྲོགས་ཀྱི་དམ་ཚིག །

不变的誓言

གསེར་དངུལ་ལས་ཀྱང་འདང་ཆེ།།

比金银更加珍贵

སེམས་པ་དངུལ་དཀར་མེ་ལོང་།།

心灵纯洁如白莲

ཕྱི་གསལ་ནང་གསལ་ཡིན་པས།།

内外皆明亮

ཚིག་གི་དར་དཀར་ཡུག་གཅིག།

语言的洁白旗帜

ཁྱེད་ཀྱིས་མགྲོན་དུ་གསོལ་བས།།

因你的邀请而飘扬

འཚོ་བའི་ཁྲེལ་གཞུང་བསྲུང་རོགས།།

守护着生活的尊严

དམ་ཚིག་རྡོ་རྗེའི་རི་མོ།།

誓言如金刚之山

རང་རང་སེམས་ནས་བྲིས་ཡོད།།

由心而生