ཚིག—ཐར་ཆེན།

作词:塔尔青

དབྱངས།—རཐ་ཆེན།

作曲:塔尔青

གཞས་པ། བཀྲ་ཤིས།

原唱-呷西

ཉི་ཟླ་གཉིས་ཀ་ཆ་འགྲིག་འདི།།

日月同辉于天

ཨ་སྔོན་གནམ་གྱི་རྒྱན་ཆ་རེད།།

乃苍穹华丽之物

མེ་ཏོག་དཀར་དམར་ཆ་འགྲིག་འདི།།

红白花朵相映

དོག་མོ་ས་ཡི་རྒྱན་ཆ་རེད།།

是万物复苏之美

གསེར་ནག་ཐུར་མ་ཆ་འགྲིག་རེད།།

黄金筷子成双

དངུལ་དཀར་སྒྲོག་གུ་ཆ་འགྲིག་རེད།།

白银衣扣成双

བུ་དང་བུ་མོ་ཆ་འགྲིག་རེད།།

夫妇如影随形

གཡང་ཁྱིམ་ཚང་གི་རྒྱན་ཟིག་རེད།།

是福瑞家庭之宝

ཕ་ཁུ་རི་རྒྱལ་ལྷུན་པོ་གཅིག

父辈如高山

མ་སྲི་གཙང་ཆུ་སྔོན་མོ་གཉིས།།

女眷如湖水

བུ་ཚ་སྐར་ཚོགས་ཁྲ་མོ་གསུམ།།

晚辈如星星

བཞུགས་གྲལ་གཅིག་ལ་འཛོམས་པ་ཡག

欢聚一堂欢乐多

ཨ་འགྲིག་ལས་ཀྱི་རི་བོ་ལ།

看那姻缘的山岗

ཆ་འགྲིག་འཇའ་ཚོན་ཤར་ན་ཡག

挂起绚烂的彩虹

ཡང་འགྲིག་བདུད་རྩིའི་ཆར་བ་ལ།

下起绵绵的细雨

ཚེ་འགྲིག་མེ་ཏོག་བཞད་ན་ཡག

开出美丽的花朵

ཕོ་སྲོག་གསེར་གྱི་ཀ་བ་ཡིན།

男子阳刚如金柱

མོ་སྲོག་གཡུ་ཡི་གདུང་མ་ཡིན།

女子阴柔如松石

བརྩེ་དུང་རྡོ་རྗེའི་མདུད་པ་ཡིན།

感情疑似金刚之结

ཚེ་རབས་ལས་ཀྱི་སྐྱ་ཡ་ཡིན།

是天定良缘的伴侣

ཚེ་བསོད་རླུང་རྟ་འདི་ནས་དར།

祝愿生命聚福

རྒྱུ་འབྱོར་དབང་ཐང་འདི་ནས་རྒྱས།

祝愿财源广进

རིགས་ཀྱི་མྱུ་གུ་འདི་ནས་འཁྲུངས།

祝愿子孙满堂

ཕུན་ཚོགས་དཔལ་དང་ལྡན་པར་ཤོག

祝愿万事如意

རྒྱུ་འབྱོར་དབང་ཐང་འདི་ནས་རྒྱས།

ཚེ་བསོད་རླུང་རྟ་འདི་ནས་དར།

祝愿财源广进

祝愿生命聚福

རིགས་ཀྱི་མྱུ་གུ་འདི་ནས་འཁྲུངས།

祝愿子孙满堂

ཕུན་ཚོགས་དཔལ་དང་ལྡན་པར་ཤོག

祝愿万事如意