ཀ་ཁ་ག་ང་།
字母
ཚིག ཨ་རིག་མཆོད་རྟེན་ཐར།
作词:阿日曲旦太
དབྱངས། རྨ་ཆུའི་བསམ་གཏན།
作曲:曲三木旦
གཞས་མ། ཇ་ཤིང་མེ་ཏོག
歌手:嘉驤梅朵
ཀ་ཁ་ག་ང་ཕྱི་ཡི་ལང་ཚོ་ཡིན། །
ཀ་ཁ་ག་ང་ནང་གི་མཛེས་སྡུག་ཡིན། །
ཀ་ཁ་ག་ང་སེམས་ཀྱི་རང་སྒྲ་ཡིན། །
ཀ་ཁ་ག་ངའི་འོད་མདངས་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་ཨ་ཕའི་ཞལ་ཆེམས་ཡིན། །
ཀ་ཁ་ག་ང་ཨ་མའི་ཟུང་ཁྲག་ཡིན། །
ཀ་ཁ་ག་ང་འུ་ཚོའི་ཚེ་སྲོག་ཡིན། །
ཀ་ཁ་ག་ངའི་གསོན་ཤུགས་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་མདུན་གྱི་སྒྲོན་མེ་ཡིན། །
ཀ་ཁ་ག་ང་རྒྱབ་ཀྱི་དཔའ་མཁར་ཡིན། །
ཀ་ཁ་ག་ང་འཚོ་བའི་ཁ་དོག་ཡིན། །
ཀ་ཁ་ག་ངའི་མཛེས་སྡུག་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་འཚེ་མེད་དམ་ཆོས་ཡིན། །
ཀ་ཁ་ག་ང་འགྱུར་མེད་ཁྲིམས་ཡིག་ཡིན། །
ཀ་ཁ་ག་ང་རིག་པའི་བང་མཛོད་ཡིན། །
ཀ་ཁ་ག་ངའི་གཞས་གདངས་ཁྲི་ལོར་ཤོག །
ཀ་ཁ་ག་ང་།
字母
ཚིག ཨ་རིག་མཆོད་རྟེན་ཐར།
作词:阿日曲旦太
དབྱངས། རྨ་ཆུའི་བསམ་གཏན།
作曲:曲三木旦
གཞས་མ། ཇ་ཤིང་མེ་ཏོག
歌手:嘉驤梅朵
ཀ་ཁ་ག་ང་ཕྱི་ཡི་ལང་ཚོ་ཡིན། །
ཀ་ཁ་ག་ང་ནང་གི་མཛེས་སྡུག་ཡིན། །
ཀ་ཁ་ག་ང་སེམས་ཀྱི་རང་སྒྲ་ཡིན། །
ཀ་ཁ་ག་ངའི་འོད་མདངས་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་ཨ་ཕའི་ཞལ་ཆེམས་ཡིན། །
ཀ་ཁ་ག་ང་ཨ་མའི་ཟུང་ཁྲག་ཡིན། །
ཀ་ཁ་ག་ང་འུ་ཚོའི་ཚེ་སྲོག་ཡིན། །
ཀ་ཁ་ག་ངའི་གསོན་ཤུགས་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་མདུན་གྱི་སྒྲོན་མེ་ཡིན། །
ཀ་ཁ་ག་ང་རྒྱབ་ཀྱི་དཔའ་མཁར་ཡིན། །
ཀ་ཁ་ག་ང་འཚོ་བའི་ཁ་དོག་ཡིན། །
ཀ་ཁ་ག་ངའི་མཛེས་སྡུག་ཁྲི་ལོར་ཤོག །
~
ཀ་ཁ་ག་ང་འཚེ་མེད་དམ་ཆོས་ཡིན། །
ཀ་ཁ་ག་ང་འགྱུར་མེད་ཁྲིམས་ཡིག་ཡིན། །
ཀ་ཁ་ག་ང་རིག་པའི་བང་མཛོད་ཡིན། །
ཀ་ཁ་ག་ངའི་གཞས་གདངས་ཁྲི་ལོར་ཤོག །