今日有歌今日唱-文本歌词

今日有歌今日唱-文本歌词

才仁东周&嘉骧梅朵
发行日期:

གླུ་ཡག་པ་ཡོད་ན་དེ་རིང་ལོངས།

今日有歌今日唱

ཚིག སྨན་བླ་སྐྱབས།

作词:曼拉杰

དབྱངས། པདྨ།

作曲:班玛

ལེན་མཁན། ཚེ་རིང་དོན་འགྲུབ་དང་ཇ་ཤིང་མེ་ཏོག

歌手:才仁东周&嘉驤梅朵

དགུང་སྔོན་པོའི་དབྱིངས་ཀྱི་གླག་རྒོད་ཚོ། །

དགུང་ནམ་འཕང་སྟོད་ན་དེ་རིང་སྟོད། །

འཇའ་གུར་ཁང་ཕུབ་ནོ་ཡག་རེ་ལྟོས། །

རླུང་སྤུ་གྲིར་ཞོན་ན་སྐྱིད་རེ་ལྟོས། །

བྱ་རྒས་ནས་གཤོག་སྒྲོ་ལྷུང་དུས་སུ། །

འཕུར་འདོད་ཀྱང་སེམས་ཀྱི་འཕྲུལ་སྣང་རེད། །

~

སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ། །

རྒྱུག་གོམ་ལག་ཡོད་ན་དེ་རིང་ངོམས། །

རྩྭ་རྩི་ཏོག་རྒྱས་ན་ཡག་རེ་ལྟོས། །

ལམ་འཕྲེད་ཀྱིས་བཅད་ན་སྐྱིད་རེ་ལྟོས། །

རྟ་རྒས་ནས་སྤུ་མདོག་བརྗེས་དུས་ན། །

རྒྱུག་འདོད་ཀྱང་སེམས་ཀྱི་འཕྲུལ་སྣང་རེད། །

~

བོད་གངས་ཅན་བུ་དང་བུ་མོ་ཚོ། །

གླུ་ཡག་པ་ཡོད་ན་དེ་རིང་ལོངས། །

ཆང་དཀར་དམར་སྒྲིག་ན་ཡག་རེ་ལྟོས། །

གླུ་སིང་སེ་བླངས་ན་སྐྱིད་རེ་ལྟོས། །

མི་རྒས་ནས་དུང་སོ་འཐོར་དུས་སུ། །

ལེན་འདོད་ཀྱང་སེམས་ཀྱིས་འཕྲུལ་སྣང་རེད། །

གླུ་ཡག་པ་ཡོད་ན་དེ་རིང་ལོངས།

今日有歌今日唱

ཚིག སྨན་བླ་སྐྱབས།

作词:曼拉杰

དབྱངས། པདྨ།

作曲:班玛

ལེན་མཁན། ཚེ་རིང་དོན་འགྲུབ་དང་ཇ་ཤིང་མེ་ཏོག

歌手:才仁东周&嘉驤梅朵

དགུང་སྔོན་པོའི་དབྱིངས་ཀྱི་གླག་རྒོད་ཚོ། །

དགུང་ནམ་འཕང་སྟོད་ན་དེ་རིང་སྟོད། །

འཇའ་གུར་ཁང་ཕུབ་ནོ་ཡག་རེ་ལྟོས། །

རླུང་སྤུ་གྲིར་ཞོན་ན་སྐྱིད་རེ་ལྟོས། །

བྱ་རྒས་ནས་གཤོག་སྒྲོ་ལྷུང་དུས་སུ། །

འཕུར་འདོད་ཀྱང་སེམས་ཀྱི་འཕྲུལ་སྣང་རེད། །

~

སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ། །

རྒྱུག་གོམ་ལག་ཡོད་ན་དེ་རིང་ངོམས། །

རྩྭ་རྩི་ཏོག་རྒྱས་ན་ཡག་རེ་ལྟོས། །

ལམ་འཕྲེད་ཀྱིས་བཅད་ན་སྐྱིད་རེ་ལྟོས། །

རྟ་རྒས་ནས་སྤུ་མདོག་བརྗེས་དུས་ན། །

རྒྱུག་འདོད་ཀྱང་སེམས་ཀྱི་འཕྲུལ་སྣང་རེད། །

~

བོད་གངས་ཅན་བུ་དང་བུ་མོ་ཚོ། །

གླུ་ཡག་པ་ཡོད་ན་དེ་རིང་ལོངས། །

ཆང་དཀར་དམར་སྒྲིག་ན་ཡག་རེ་ལྟོས། །

གླུ་སིང་སེ་བླངས་ན་སྐྱིད་རེ་ལྟོས། །

མི་རྒས་ནས་དུང་སོ་འཐོར་དུས་སུ། །

ལེན་འདོད་ཀྱང་སེམས་ཀྱིས་འཕྲུལ་སྣང་རེད། །