黑青裸联唱串烧
词:隆子旦巴坚参
曲:索朗次仁
歌手:隆子旦巴坚参&次旦卓玛&旺扎&索朗次仁
ལྷུན་རྩེའིནས་ནག་རྩམ་པ།
ཕ་ཡུལ་ལྷུན་ཙེའི་ཡུལ་ནས་
འབྲུ་ཡི་རྩ་བ་ཚུགས་སོང་
དྲིམ་རྩམ་པའི་དྲིན་གྱིས་
ཤ་ཁྲག་ལུས་པོ་བསྐྱངས་བྱུང་
དྲི་ཞིམ་རྩམ་པའི་དྲིན་གྱིས་
ཤ་ཁྲག་ལུས་པོ་བསྐྱངས་བྱུང་
ཨ་མའི་ནུ་ཞོ་མངར་མོ་
ཡུལ་གྱི་ནས་ནག་རྩམ་པ་
བྱིས་པའི་ལུས་སེམས་གཉིས་ལ་
འཚོ་བཅུད་མེ་ཏོག་བཞད་སོང་
བྱིས་པའི་ལུས་སེམས་གཉིས་ལ་
འཚོ་བཅུད་མེ་ཏོག་བཞད་སོང་
ཧ་ཧོ་་་་རྩམ་པ་
ལ་ནི་ལྷུན་རྩེའི་རྩམ་པ་
བྱིས་པའི་དུས་ཀྱི་སྦྲང་རྩི་
གཞོན་ནུའི་དུས་ཀྱི་སྒྲོན་མེ་
ལྷུན་རྩེ་ནས་ནག་རྩམ་པ་
ཁྱེད་ལ་ཕུལ་བའི་ཆ་ཏག་