ཕ་བློ་བཟང་གྲགས་པ་ལྟ་བུ་དྲན།
思念的上师
རྩོམ་པ་པོ་གསེར་འཇམ་བདེ།
作词:塞加德
དབྱངས་ཧང་དཀོན་མཆོག།
作曲:昂关却加
ལེན་མཁན་ཧང་དཀོན་མཆོག།
演唱:昂关却加
གནས་ཤར་ཕྱོགས་སྤྲིན་དཀར་ལྡིང་བའི་ཚུལ།།
དེ་མཐོང་བས་བླ་མ་དྲན་ནོ་ཞེས།།
རྗེ་རྒྱལ་བ་དགེ་འདུན་གྲུབ་པ་ཡིས།།
སྤྱན་གཡུང་དྲུང་མཆི་མའི་བདུད་རྩི་ལྷུང་།།
ཚུལ་འདི་ལ་བསམ་ན་བདག་གིས་ཀྱང་།།
ཕ་བློ་བཟང་གྲགས་པ་ལྟ་བུ་དྲན། །
~
གནས་དག་པ་ཤེལ་གྱི་གུར་ཁང་ནས།།
སེམས་མ་དག་ང་འདྲའི་སྐྱེ་བོ་ལ།།
ལམ་ཟབ་མོའི་གདམས་ངག་སྟོན་པ་ཡི།།
ཕ་བླ་མ་བློ་བཟང་ཉི་མའི་སྐུ། །
སེར་ལམ་མེར་མཇལ་ན་ཤིན་ཏུ་བསམ།།
དེ་བསམ་པའི་མོད་ལ་མཆི་མ་འཁྲིག། །
~
སྙིང་རབ་དྭངས་པདྨའི་ཆུ་མཚོ་ལ།།
སྐུ་རབ་དཀར་ཟླ་བའི་འོད་ཀྱང་འཆར།།
བུ་ང་ཅག་གློ་བུར་གློ་བུར་དུ། །
མགོན་ཁྱེད་ཀྱི་ཞབས་ཟུང་པདྨའི་རིས།།
སྐྲ་གཡུ་ལོའི་རྒྱན་དུ་རེག་ན་བསམ། །
དེ་བསམ་པའི་མོད་ལ་མཆི་ལ་འཁྲིག། །
~
རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས།།
ངེད་བུ་འབངས་བྱིས་པ་མ་མེད་འདྲ། །
ཤིང་རྩ་བ་གཅིག་གི་མགོ་སྒྲོ་བཞིན། །
ཆལ་ལམ་མེར་འཐོར་བ་འདིར་གཟིགས་ནས།།
བྱམས་བརྩེ་བས་ལྷན་ཏུ་བཀྱིག་ན་བསམ།།
དེ་བསམ་པའི་མོད་ལ་མཆི་མ་འཁྲིག། །
ཕ་བློ་བཟང་གྲགས་པ་ལྟ་བུ་དྲན།
思念的上师
རྩོམ་པ་པོ་གསེར་འཇམ་བདེ།
作词:塞加德
དབྱངས་ཧང་དཀོན་མཆོག།
作曲:昂关却加
ལེན་མཁན་ཧང་དཀོན་མཆོག།
演唱:昂关却加
གནས་ཤར་ཕྱོགས་སྤྲིན་དཀར་ལྡིང་བའི་ཚུལ།།
དེ་མཐོང་བས་བླ་མ་དྲན་ནོ་ཞེས།།
རྗེ་རྒྱལ་བ་དགེ་འདུན་གྲུབ་པ་ཡིས།།
སྤྱན་གཡུང་དྲུང་མཆི་མའི་བདུད་རྩི་ལྷུང་།།
ཚུལ་འདི་ལ་བསམ་ན་བདག་གིས་ཀྱང་།།
ཕ་བློ་བཟང་གྲགས་པ་ལྟ་བུ་དྲན། །
~
གནས་དག་པ་ཤེལ་གྱི་གུར་ཁང་ནས།།
སེམས་མ་དག་ང་འདྲའི་སྐྱེ་བོ་ལ།།
ལམ་ཟབ་མོའི་གདམས་ངག་སྟོན་པ་ཡི།།
ཕ་བླ་མ་བློ་བཟང་ཉི་མའི་སྐུ། །
སེར་ལམ་མེར་མཇལ་ན་ཤིན་ཏུ་བསམ།།
དེ་བསམ་པའི་མོད་ལ་མཆི་མ་འཁྲིག། །
~
སྙིང་རབ་དྭངས་པདྨའི་ཆུ་མཚོ་ལ།།
སྐུ་རབ་དཀར་ཟླ་བའི་འོད་ཀྱང་འཆར།།
བུ་ང་ཅག་གློ་བུར་གློ་བུར་དུ། །
མགོན་ཁྱེད་ཀྱི་ཞབས་ཟུང་པདྨའི་རིས།།
སྐྲ་གཡུ་ལོའི་རྒྱན་དུ་རེག་ན་བསམ། །
དེ་བསམ་པའི་མོད་ལ་མཆི་ལ་འཁྲིག། །
~
རྗེ་བླ་མ་ཞིང་ཁམས་གཞན་དུ་གཤེགས།།
ངེད་བུ་འབངས་བྱིས་པ་མ་མེད་འདྲ། །
ཤིང་རྩ་བ་གཅིག་གི་མགོ་སྒྲོ་བཞིན། །
ཆལ་ལམ་མེར་འཐོར་བ་འདིར་གཟིགས་ནས།།
བྱམས་བརྩེ་བས་ལྷན་ཏུ་བཀྱིག་ན་བསམ།།
དེ་བསམ་པའི་མོད་ལ་མཆི་མ་འཁྲིག། །